སའི་གོ་ལའི་ཚ་དྲོད་འཕེལ་བའི་རྒྱུ་རྐྱེན་གཙོ་གནད་གཉིས།

སྔོན་གླེང།

     སའི་གོ་ལའི་ཚ་དྲོད་འཕེལ་བ་ཞེས་པ་ནི་རང་བྱུང་གི་འགྱུར་བ་ཞིག་ཡིན་ལ། དེ་ནི་འགྲོ་བ་མིས་རང་བྱུང་གི་གཏེར་རྫས་བསྔོག་འདོན་དང༌། ཤིང་ནགས་བཅད་དེ་མེ་ལ་བསྲེགས་པ།དེ་བཞིན་རླངས་འཁོར་ཇེ་མང་དུ་སོང་བར་བརྟེན་ནག་རྫས་འབར་རླངས(Carbon dioxide)སོགས་རྫས་འགྱུར་རིགས་མི་འདྲ་བ་དུ་མ་ཞིག་བྱུང་བས།དེ་དག་གིས་འཇིག་རྟེན་ཐོག་གི་ལོ་སྟོང་ཕྲག་དུ་མའི་འཁྱགས་རོམ་ཡང་རིམ་གྱིས་བཞུ་བ་དང༌།རྒྱ་མཚོའི་ངོགས་ཀྱང་ཇེ་མཐོ་རུ་ཕྱིན་ཏེ། དུས་མིན་གྱི་ཆར་ཆུ་འཕེལ་བ་མ་ཟད་རང་བྱུང་ཁོར་ཡུག་ཆ་མི་མཉམ་བའི་རྐྱེན་དུ་གྱུར།

     དེ་དག་གིས་སྐྱེ་འགྲོ་སེམས་ཅན་གྱི་འཚོ་བྱེད་ཟས་རིགས་དང༌། གནས་ཡུལ་སོགས་ལ་ཡང་གནོད་འཚེ་ཆེན་པོ་ཕོག་གི་ཡོད་པ་རེད། སའི་གོ་ལའི་ཚ་དྲོད་རྒྱས་པ་དེ་གཙོ་བོ་འགྲོ་བ་མིས་རང་བྱུང་ཁོར་ཡུག་བག་མེད་ལོངས་སུ་སྤྱོད་མང་བའི་རྐྱེན་གྱིས།ས་སྟེང་གི་ཚ་དྲོད་ཡང་ འཕེལ་ཚད་ཇེ་མགྱོགས་སུ་ཕྱིན་ཡོད་པ་རེད། རྒྱལ་སྤྱིའི་ནུས་ཁུངས་བརྟག་དཔྱད་ཞིབ་འཇུག་ཁང་གིས་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ནང་དུ། ཨ་རི་དང༌། རྒྱ་ནག ཨུ་རུ་སུ་དང་ཉི་ཧོང་རྒྱལ་ཁག་བཞིའི་ནག་རྫས་འབར་རླངས(Carbon dioxide )ཕྱིར་གཏོང་པ་ནི་རྒྱལ་སྤྱིའི་གཉིས་ཆ་གཅིག་ཙམ་ཟིན་ཡོད་པ་སོགས་འཁོད་ཡོད་པ་རེད།

     དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་ནས་བཟུང་སྟེ། བཟོ་ལས་དར་རྒྱས་སུ་ཕྱིན་པ་དང་ཆབས་གཅིག་ཏུ་རང་བྱུང་གི་བཀོད་པའི་གཞི་རྒྱ་ཡང་ཇེ་ཆུང་དང་ཇེ་ཞན་དུ་སོང་ཡོད་པ་ནི། དཔེར་ན། ༡༩༨༡--༡༩༩༠ལོའི་སའི་གོ་ལའི་ཚ་དྲོད་ཆ་མཉམ་ལོ་ ༡༠༠ སྔོན་ལས་ ༠.༤༨ མཐོ་རུ་ཕྱིན་ཡོད། དེ་ལྟ་བུའི་གནས་ཚུལ་འོག་སྤྱི་སའི་གོ་ལའི་ཚ་དྲོད་རྒྱས་པའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་ན་ཡང༌། ཕྱོགས་བསྡུས་བྱེད་ན་གཉིས་སུ་འདུས་པས་གཤམ་དུ་གནད་དོན་དེ་གཉིས་ངོ་སྤྲོད་བྱེད་རྒྱུ་ཡིན།

དང་པོ། ༽ འགྲོ་བ་མིའི་བྱ་སྤྱོད་ཀྱི་རྐྱེན་པས་གོ་ལའིཚ་དྲོད་འཕེལ་བ།

༡༽མི་འབོར་འཕེལ་བ།
མི་འབོར་མང་དུ་ཕྱིན་པ་དེ། སའི་གོ་ལའི་ཚ་དྲོད་རྒྱས་པའི་རྒྱུ་རྐྱེན་ཞིག་ཡིན་ལ། མི་རེའི་ལུས་གཟུགས་ལས་ལོ་རེར་ཐོན་པའི་ནག་རྫས་འབར་རླངས(Carbon dioxide)གྲངས་ནི་ཚད་ལས་འདས་བས། དེ་དག་གིས་དངོས་སུ་སའི་གོ་ལའི་ཐོག་གི་མཁའ་རླུང་འགྱུར་བར་བཏང་ཐུབ་ཀྱི་ཡོད། མི་འབོར་ཇི་ཙམ་མང་བ་དེ་ཙམ་གྱི་རང་བྱུང་གི་བཀོད་པ་ལ་རྩ་མེད་དང༌། གཏོར་བཅོམ། བག་མེད་ལོངས་སྤྱོད་ཀྱིས་ ཁོར་ཡུག་སྦག་བཙོག་གི་གནས་སུ་ལྷུང་གི་ཡོད། འགྲོ་བ་མིས་རང་གི་ཐུན་མོང་མིན་པའི་ཡ་རབས་བཟང་སྤྱོད་ལ་བདག་སྤྲོད་དང་རྒྱུད་ འཛིན། རང་ཐོག་ལ་འགན་འཁྲི་གང་ཞིག་བབ་ཡོད་པ། མི་རབས་རྗེས་མ་རྣམས་ལ་ཁོར་ཡུག་ཇི་ལྟར་ཞིག་བསྐྲུན་དགོས་པ་བསམ་ཞིབ་ནན་ ཏན་བྱ་རྒྱུ་གལ་ཆེ།

༢༽ཁོར་ཡུག་སྦག་བཙོག
མིག་སྔར་ཁོར་ཡུག་སྦག་བཙོག་ནི་རྒྱལ་སྤྱི་སེམས་ཚབས་ཅན་གྱི་གནད་དོན་ཞིག་ཡིན་པ་དང༌།རང་བྱུང་ཁམས་ཀྱི་གནོད་པ་རྒྱུན་ལྡན་དུ་བྱུང་བཞིན་པ་ཡོད། སའི་གོ་ལ་འདིའི་ཐོག་གི་དངོས་ཁམས་ཡོད་དོ་ཅོག་གཅིག་ལ་གཅིག་བརྟེན་གྱིས་འབྲེལ་བ་ཆགས་ཀྱི་ཡོད། བར་སྣང་གི་ཆར་སྤྲིན་དང་རྒྱ་མཚོ། ས་ཞིང་དང་ལོ་ཏོག ལྗོན་ཤིང་དང་ཤིང་འབྲས་བར་གྱི་བྱེད་ནུས་དང་འབྲེལ་བ་རྒྱུན་ལྡན་མ་ཆགས་ཚེ།རང་རང་གི་འཚོ་ནུས་དང་བྲལ་ངེས་ཡིན། དེས་ན་རང་བྱུང་ཐོན་ཁུངས་ལ་བདག་ཉར་དང་སྲུང་སྐྱོབ་བྱེད་དགོས།

༣༽རྒྱ་མཚོའི་སྐྱེས་དངོས་ཁོར་ཡུག་རྙོག་བཙོག་འགྱུར་བ།
རྒྱ་མཚོའི་ངོགས་ཇེ་མཐོ་རུ་འགྲོ་བའི་བདག་རྐྱེན་གཙོ་བོ་ནི། རྫས་ངན་དང་བཟོ་གྲྭ་སོགས་ལས་ཐོན་པའི་དུ་ཁུ་དང་རྙོག་ཆུ་སོགས་ཡིན་ལ།དེ་དག་གིས་ཐད་ཀར རྒྱ་མཚོ་ནང་གི་སྐྱེས་དངོས་ཀུན་ལ་དངོས་སམ་རྒྱུད་ནས་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད། དེ་བརྟེན་ཐོན་ཁུངས་ཇེ་ཉུང་དུ་སོང་བ་དང་མཉམ་དུ་ཚ་དྲོད་ཇེ་འཕེལ་དུའགྲོ་བཞིན་ཡོད་པ་ཞིག་ཡིན། ཏན་བྱ་རྒྱུ་གལ་ཆེ།

༤༽ས་ཞིང་སོགས་གནོད་སྐྱོན་ཕོག་པ།
ས་ཞིང་བྱེ་ཐང་དུ་འགྱུར་པ་ནི་ཚད་ལས་བརྒལ་བའི་ཞིང་ལས་དང༌། ས་གཞི་དང་གཏེར་ཁ་འཛེམ་བག་མེད་པར་བསྔོག་འདོན་བྱེད་བཞིན་པའི་སྐྱོན་གྱིས། ཆུ་ཤོར་ས་ཉིལ་དང་བྱེ་རྡུལ་དྲག་རླུང་སོགས་བྱུང་སྟེ། ཡུལ་གྲུ་མང་དག་ཅིག་ལ་དཀའ་ངལ་ཚད་མེད་འཕྲད་བཞིན་པ་དང༌།སྤྱི་ཚོགས་སུ་དཔལ་འབྱོར་ཉམས་རྒུ་ཚབས་ཆེན་གྱི་གནས་སུ་ཡང་འགྱུར་བཞིན་ཡོད་པ་རེད།

༥༽ཤིང་ནགས་བཅད་གཏུབས།
བཟོ་ལས་དར་བ་ནས་རྩི་ཤིང་ནགས་ཚལ་སོགས་བཅད་གཏུབས་དང་མེར་བསྲེགས་སོགས་ཀྱིས་མཁའ་རླུང་ཇེ་བཙོག་ཏུ་གྱུར་ཏེ། སྔར་མིང་ཙང་ཡང་གོ་མྱོང་མེད་པའི་ནད་རིགས་འདྲ་མིན་སྣ་ཚོགས་གི་ཡུལ་གྲུ་ཀུན་དུ་ཁྱབ་ཡོད། སྤྱི་འཛམ་གླིང་ཡོངས་ལ་ལྗོན་ཤིང་གིས་རླུང་ཁམས་གཙམ་མ་བཟོ་བ་དང༌། ཁོར་ཡུག་མཛེས་པར་བྱེད་པ། གནམ་གཤིས་ཚ་གྲང་ཆ་སྙོམས་ཡོང་བ་དང༌། མཁའ་རླུང་ གཙང་འདོན་བཙོབ་རྔུབ་ཀྱི་ནུས་པ་འདོན་གྱི་ཡོད། དེ་བཞིན་ལྗོན་ཤིང་གི་གྲིབ་བསིལ་དང་ཤིང་འབྲས་སོགས་ལ་ལོངས་སུ་སྤྱོད་རྒྱུ་ཡང་ཡོང་གི་རེད། འོན་ཀྱང་ཤིང་ནགས་གཅོད་འབྲེག་གི་གནས་ཚུལ་དེ་ཧ་ཅང་ཚད་མཐོ་བོ་ཡིན། དེའི་དཔེ་མཚོན་ནི་བོད་ནང་གི་ཤིང་ནགས་གཅོད་འབྲེག་གི་རྐྱེན་གྱིས་བོད་ནང་འབྱུང་བའི་གནས་སྟངས་ཆ་སྙོམས་མིན་པའི་གནས་ཚུལ་དེ་འབྱུང་གི་ཡོད་པ་རེད།

༦༽གློག་རྫས་དང་རྡོ་སོལ་རིགས།
ད་ལྟའི་དུས་རབས་གསར་པ་སྟེ་བརྡ་འཕྲིན་གྱི་དུས་རབས་འདི་ནི་གློག་རྫས་རིགས་ཀྱི་དུས་རབས་ཤིག་ཀྱང་ཡིན་པས། གློག་རྫས་རིགས་བཟོ་བསྐྲུན་བེད་སྤྱོད་ཇེ་མང་དུ་སོང་བ་དང་མཉམ་དུ་རང་བྱུང་ཁོར་ཡུག་ལ་མངོན་གསལ་དོད་པོའི་གནོད་སྐྱོན་ཕོག་གི་ཡོད། ལྷག་པར་དུ་ས་འོག་ནས་སྣུམ་རིགས་དང་རྡོ་སོལ་སོགས་གང་བྱུང་བསྔོགས་འདོན་དང་བེད་སྤྱོད་བ་འདི་ནི་ཚ་དྲོད་འཕེལ་བའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ཡིན།

༧༽སྐྱེས་དངོས་རྩ་སྟོངས་ཕྱིན་བ།
འཇིག་རྟེན་སྟེང་གི་སྐྱེས་དངོས་ནི་འགྲོ་བ་མིའི་རྩ་ཆེན་གྱི་ཐོན་ཁུངས་ཡིན། མ་ཟད་སྐྱེས་དངོས་དེ་དག་ནི་སེམས་ཅན་གྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡང་ཡིན། འོན་ཀྱང་མིང་སྔར་འཇིག་རྟེན་འདིའི་ཐོག་གི་རྩ་ཆེ་བའི་སེམས་ཅན་དུ་མ་ཞིག་རྩ་སྟོངས་སུ་འགྲོ་བཞིན་ཡོད་པས། མཁའ་རླུང་ཇེ་བཙོག་ཏུ་གྱུར་ནས་ལོ་ངོ་སྟོང་ཕྲག་འདས་པའི་འཛམ་གླིང་སྣེ་མོའི་འཁྱགས་རོམ་ཞུ་ཚད་ཡང་ཇེ་མགྱོགས་སུ་འགྲོ་བཞིན་ཡོད།

༨༽ཆུ་བོ་སྦག་བཙོག་ཏུ་གྱུར་བ།
འཛམ་བུ་གླིང་འདིའི་ཆུ་བོ་༡༠%ཙམ་འབག་བཙོག་ཏུ་གྱུར་ཟིན་ལ། ཆུ་ནི་སྐྱེས་དངོས་ཡོད་ཚད་ཀྱི་རྩ་བའི་རྩ་བ་ཡིན་ཀྱང༌། འབག་བཙོག་གི་གཞི་རྒྱ་ནི་ཇེ་ཆེར་འགྲོ་བཞིན་ཡོད་པས། དེས་ན་ཆུ་ཐིགས་པ་གཅིག་ཡར་ཆད་ལ་ཡང་གྲོན་ཆུང་གནང་དགོས། ཆུ་ནི་སྐྱེས་དངོས་རྩི་ཤིང་ལ་མེད་དུ་མི་རུང་ལ། སྐྱེས་འགྲོ་སེམས་ཅན་ལ་དེ་བས་ཀྱང་ངོ།

༩༽དུག་རྫས་རིགས།
དུག་རྫས་རིགས་ནི་འགྲོ་བ་མའི་སེམས་སྟེང་གི་ང་རྒྱལ་དང༌། འགྲན་སེམས་ཀྱི་དབང་གིས་རང་རྒྱལ་གཞན་ཕམ་བྱེད་པའི་ལག་ཆ་ཞིག་དུ་འགྱུར་བའི་དུས་རབས་འདིར། དེང་དུས་ཚན་རིག་མཁས་པས་རྫས་སྦྱོར་སྣ་ཚོགས་ལ་གྲུབ་པའི་བཟོ་རྩལ་བཀོལ་ཏེ་ཨ་སྒོར་དུང་ཕྱིར་མང་པོ་འགྲོ་སོང་བཏང་སྟེ་བཟོས་བའི་རྡུལ་ཕྲན་མཚོན་ཆ་གཅིག་ལ་ཡང་གླིང་ཕྲན་དུ་མ་དུས་གཅིག་དུ་བཅོམ་ཐུབ་པའི་ནུས་པ་ཡོད།དེ་བརྟེན་སའི་གོ་ལའི་ཚ་དྲོད་རིམ་གྱིས་འཕེལ་བ་ཞིག་ཡིན་པས། རྡུལ་ཕྲན་མཚོན་ཆ་རིགས་བཟོ་སྐྲུན་མཚམས་འཇོག་དགོས་པ་དང༌། རྡུལ་ཕྲན་གྱི་སྙིགས་རོ་ཕུང་ གསོག་བྱེད་པ་དེ་དག་ལ་ཡང་བཀག་འགོག་བྱ་དགོས།

གཉིས་པ།༽ རང་བྱུང་འབྱུང་བའི་འགྱུར་ལྡོག་གི་རྐྱེན་གྱིས་གོ་ལའིཚ་དྲོད་རྒྱས་པ།

     སའི་གོ་ལ་ཉི་མའི་གོ་ལ་དང་བར་ཐག་ཇེ་ཉེར་དུ་སོང་པ་དང༌།ཉི་མའི་འོད་ལས་འཕྲོས་པའི་ཚ་དྲོད་ཡང་ཇེ་ཚ་རུ་སོང་བས། རིམ་བཞིན་སའི་གོ་ལའི་ཚ་དྲོད་ཇེ་ཆེར་ཕྱིན་ཡོད། གཞན་ཡང་སྐམ་སའི་ས་གནས་དག་ལ་སའི་གོ་ལའི་ཚ་དྲོད་འཕེལ་སྟོབས་ཀྱིས་ཚ་ཚད་ཆེ་རུ་འགྲོ་བ་དང༌། སྙིང་ནད་དང་དབུགས་ནད་རིགས་ཀྱིས་ལོ་ལྟར་སེམས་ཅན་གྲངས་ལས་འདས་པའི་རྩ་ཆེའི་ཚེ་སྲོག་འཕྲོག་བཞིན་ཡོད། ལྷག་པར་དུ་བྱིས་པ་དང་རྒན་འཁོག་ཚོ་ལ་ཉེན་ཁ་དེ་བས་ཆེན་པོ་ཁྱབ་ཡོད། མཁའ་རླུང་འབག་བཙོག་སྐྱོན་གྱིས་གློ་བ་སོགས་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད། གོ་ལའི་ཚ་དྲོད་ཀྱིས་འགོས་ནད་སོགས་ཀྱང་ཁྱེར་བཞིན་ཡོད།

     སའི་གོ་ལ་ཟླུམ་པོའི་ཚ་དྲོད་ཀྱི་འཕེལ་བའི་གནས་བབ་ཁྲོད་མཚོ་བོད་མཐོ་སྒང་གི་ཚ་དྲོད་ནི་མངོན་གསལ་དོད་ལ། བོད་ནང་དུ་༡༩༦༡ལོ་ནས་༢༠༠༨ལོ་བར་ལོ་བཅུ་རེ་ནང་དུ་ཚ་དྲོད་༠.༣༢ མཐོ་རུ་ཕྱིན་བཞིན་ཡོད་པ་རེད། གངས་ཅན་བོད་ཀྱི་འཁྱགས་རོམ་ནི་ལྷོ་འཛམ་བུ་གླིང་གི་ཆེས་རྩ་ཆེ་བའི་སྣེ་མོ་གསུམ་པ་ཡིན་མོད། སའི་གོ་ལའི་ཚ་དྲོད་འཕེལ་སྟོབས་ཀྱིས་འཛམ་གླིང་ཡང་རྩེ་མཐོ་སྒང་བོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པའི་དཔེ་མཚོན་གསལ་པོ་ཞིག་ནི། གངས་ཐིག་མཐོ་རུ་ཕྱིན་པ་དང༌། འཁྱགས་རོམ་བཞུ་མྱུར་བ་དང་མཉམ་དུ་གཞི་རྒྱ་ཡང་ཆུང་དུ་འགྲོ་བཞིན་ཡོ་པ་རེད།

     འདས་པའི་ལོ་ངོ་སུམ་བཅུའི་ནང་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྱགས་རོམ་ནི་འཛམ་གླིང་འདིའི་ཐོག་གི་ཆེས་བཞུ་མྱུར་བ་འཁྱགས་རོམ་ཞིག་ཡིན། ལོ་འདི་ཀའི་ནང་ལོ་ལྟར་འཁྱགས་རོམ་གཞི་རྒྱ་ཆ་སྙོམས་སྨིད ༡༠—༡༥ བར་ཆུང་དུ་འགྲོ་བཞིན་ཡོད། གངས་རི་བཞུ་ཚད་མྱུར་བར་བརྟེན། མཚོ་དང་མཚེའུ། གནམ་གཤིས་ཚ་དྲོད་རིམ་གྱིས་འཕེལ་བ་དང་བསྟུན། རྩ་ཐང་བྱེ་མ་ལ་འགྱུར་བ། གནོད་པ་ཅན་གྱི་འབུ་སྲིན་རིགས་ཡང་ཇེ་མང་དུ་ཕྱིན་ནས། རང་བྱུང་ཁམས་ཀྱི་གནོད་པ་ཡང་རྒྱུན་མ་ཆད་པ་འབྱུང་བཞིན་ཡོད།

     སའི་གོ་ལའི་ཚ་དྲོད་འཕེལ་བ་དེ་མཐའ་གཅིག་ཏུ་གནོད་པ་ཁོ་ན་ཡིན་པའི་ངེས་པ་མེད། གོ་ལའི་ཚ་དྲོད་འཕེལ་སྟོབས་ཀྱིས་ཧ་ཅང་གྲང་བའི་ཡུལ་ལུང་དེ་དག་ལ་ཞིང་ལས་དང༌། བཟོ་ལས། དཔལ་འབྱོར་སོགས་ལ་ཧ་ཅང་གི་ཕན་ཐོག་ཆེན་པོ་ཡོད་མོད། འོན་ཀྱང་སྤྱི་ཡོངས་ནས་འཛམ་གླིང་ཕལ་ཆེ་བ་ལ་ཚ་དྲོད་ཀྱི་གནོད་འཚེ་དང་འཇིགས་ཉེན་ཆེན་པོ་ཡོང་གི་ཡོད་སྟབས། མི་རེ་ངོ་རེས་དུས་རྒྱུན་་འཚོ་བའི་བྱ་སྤྱོད་ནང་དུ་ཟ་འཐུང་དང་གྱོན་གོས། རླངས་འཁོར་དང་གློག་སོགས་ལ་འགྲོན་ཆུང་དང༌། ཤིང་འཛུགས་ནགས་གསོ་བྱ་རྒྱུ་མ་ཟད། རྒྱུན་དུ་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་བདག་ཉར། སྔོ་ལྗང་ཅན་གྱི་ཁོར་ཡུག་ཅིག་བསྐྲུན་གང་ཐུབ་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་འགག་ཆེན་པོ་ཞིག་ཡིན། གང་ཡིན་གནད་དོན་འདི་ནི་ང་རང་ཚོ་འགྲོ་བ་མི་ཚུད་པའི་སྲོག་ལྡན་མཐའ་དག་གི་འཚོ་གནས་གནས་དང་འབྲེལ་ཡོད། །

ས་རཱ་མཐོ་སློབ་ནས། གདོང་ཐོག་སྤེན་པ་རྡོ་རྗེས།     ༢༠༡༠  ཟླ་  ༦  ཚེས་  ༡ ལ།


« Home Page



Support TEAM | Links | Contact Us | © 2006 Tesi Environmental Awareness Movement (TEAM)